首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 时政

རྒྱལ་རྩེ་རྫོང་གིས་གཉིས་བཀུར་རིམ་སྤེལ་བྱེད་སྒོ་སྤེལ་བ།

2024-07-19 10:51:32

作者

评论
0

ཉེ་ཆར། རྒྱལ་རྩེ་རྫོང་མི་དམངས་དྲག་ཆས་པུའུ་ཡིས་མཉམ་སྒྲུབ་འགན་ལེན་དཔུང་སྡེའི་སྨན་ཁང་༩༢༣པའི་བོད་སྡོད་སྨན་བཅོས་རུ་ཁག་དང་མཉམ་འབྲེལ་ཐོག་དཀྱིལ་མཁར་ཤང་ཀ་བཞི་གྲོང་ཚོར་དམག་བསྡུའི་སྐོར་དྲིལ་བསྒྲགས་དང་གཉིས་བཀུར་གྲོས་མཐུན་བཞག་པ། སྐོར་བསྐྱོད་སྨན་བཅོས་བྱེད་པ། དེ་བཞིན་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་ཞུ་བ་བཅས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད་པ་རེད།

བྱེད་སྒོ་སྤེལ་རིང་། ལས་དོན་མི་སྣས་བློ་འདྲིའི་ས་ཚིགས་བཙུགས་པ་དང་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། ས་ཡུལ་དངོས་སུ་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱ་ཐབས་བརྒྱུད། རྒྱ་ཆེའི་མང་ཚོགས་ལ་འདི་ལོའི་དམག་བསྡུའི་སྲིད་ཇུས་དང་ཆ་རྐྱེན། བརྒྱུད་རིམ་བཅས་དང་དེ་བཞིན་གཟིགས་སྐྱོང་བྱ་ཐབས་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད། གསོན་ཉམས་དོད་པའི་སྐད་ཆ་དང་དོན་དངོས་ཀྱི་དཔེ་མཚོན་སྤྱད་དེ་དམག་མིར་ཞུགས་པ་དེས་མི་སྒེར་གྱི་འཚར་ལོངས་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བར་དོན་སྙིང་གལ་ཆེན་ལྡན་ལུགས་གསལ་བཤད་བྱས་པ་མ་ཟད། ཕུགས་བསམ་ཅན་གྱི་གཞོན་ནུ་དམག་དཔུང་ནང་ཞུགས་པ་དང་མེས་རྒྱལ་ལ་དྲིན་ལན་འཇལ་རྒྱུར་སྐུལ་ལྕག་བྱས་པ་རེད།

སྨན་བཅོས་ཆེད་ལས་མཁས་པས་མང་ཚོགས་ལ་རིན་མེང་ངང་གཟུགས་པོར་བརྟག་དཔྱད་དང་སྨན་བཅོས་བྱས་པ་མ་ཟད། རྒྱུན་སྤྱོད་སྨན་རྫས་ཀྱང་སྤྲད་ཡོད་པ་རེད།

 (པ་སངས་ཆུང་བདག་གིས་བསྒྱུར)


点赞

收藏

评论
已输入0
全部评论
加载更多评论
热点推荐