
ཉེ་ཆར། པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་གྱིས་དོན་དངོས་དང་ཟུང་འབྲེལ་ལས་ཡུལ་བབ་དང་བསྟུན་ནས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱས་པས་གྲོང་ཚོ་གཅིག་ལ་ཐོན་རྫས་གཅིག་དང་གྲོང་ཚོ་གཅིག་ལ་ཐོན་རྫས་སྣ་ཁ་མང་བའི་རྣམ་པ་ཞིག་ཆགས་ཡོད། མིག་སྔའི་བར། པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་གྱི་གྲོང་ཚོ་ཁག་ཏུ་ཐོན་ལས་ཁྱབ་ཚད་བརྒྱ་ཆ་༩༠ཡན་ཟིན་ནས་ཞིང་འབྲོག་པའི་ཡོང་འབབ་བརྟན་པོའི་ངང་འཕར་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།
པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་གྱིས་ཤིང་འབྲས་དང་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་སྔོན་ལ་དམ་འཛིན་བྱེད་པ་དང་ཕོད་པ་བཞིའི་སྙིང་སྟོབས་ལག་ལེན་ཤུགས་ཆེན་བསྟར་ཏེ་གཞི་ཁྱོན་ཆུང་བའི་སྔོ་ཚལ་མཉམ་ལས་ཁང་དེ་སྔོ་ཚལ་གྲོང་འབྲེལ་ཏང་ཨུད་དུ་བསྡུ་སྒྲིལ་བྱས་ནས་གཅིག་གྱུར་ཐོག་འདེབས་འཛུགས་འཆར་འགོད་དང་གཅིག་གྱུར་ཐོག་གཉེར་སྐྱོང་དང་ཕྱིར་ཚོང་བྱེད་པའི་ཐོན་ལས་མཉམ་འབྲེལ་འཕེལ་རྒྱས་གཏོང་སྟངས་གསར་པ་ཞིག་ཆགས་པ་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ༢༠༢༣ལོར་སྔོ་ཚལ་གྲོང་འབྲེལ་ཏང་ཨུད་ཀྱི་ཡོང་འབབ་ཁེ་གཙང་སྒོར་ཁྲི་༣༠ཟིན་པ་དང་༢༠༢༤ལོར་སྔོན་དཔག་བྱས་ན་ཡོང་འབབ་ཁེ་གཙང་སྒོར་ཁྲི་༨༠ཟིན་པ་བྱ་རྒྱུ་ཡིན་པ་རེད།
གཞིས་ཀ་རྩེར་འཛམ་གླིང་གི་ནས་ཀྱི་ཕ་ཡུལ་ཞེས་པའི་མཚན་སྙན་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། པ་སྣམ་རྫོང་གིས་སྲིད་ཇུས་ཁྲིད་སྟོན་དུ་བྱེད་པ་དང་ཁྲོམ་ར་སྟོན་ཕྱོགས་སུ་བྱས་ནས་༢༠༢༢ལོར། དགའ་སྡོང་གྲོང་རྡལ་གྱིས་གཅིག་བྱས་པ་བརྒྱད་ཀྱི་གཉེར་སྐྱོང་བྱ་ཐབས་སྤྱད་དེ་དགའ་སྐྱིད་འདུ་འཛོམས་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས། ནས་ཀྱི་སོན་བཟང་ཕྱིར་ཚོང་དང་ཚབ་གཉེར་ཞབས་ཞུ། བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་གྱི་སྒོ་ནས་ལས་ཀ་བྱེད་པ་སོགས་ཀྱི་ཞབས་ཞུ་གཉེར་སྐྱོང་བྱེད་ཀྱི་ཡོད། ༢༠༢༣ལོར་མཉམ་ལས་ཁང་གི་ཡོང་འབབ་སྒོར་ཁྲི་༡༩༠༠ལྷག་ཙམ་ཟིན་ནས་གྲོང་རྡལ་ཡོངས་ཀྱི་དུད་ཚང་༨༡༢ཀྱི་མི་གྲངས་༦༢༣༩ལ་ཁྱབ་འགྱེད་སྐུལ་ཁྲིད་ཐུབ་ཡོད།
(ཚེ་དབྱངས་ཀྱིས་བསྒྱུར། ཆོས་སྒྲོན་གྱིས་ཞུས།)

点赞0
收藏



