首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། སེམས་སོང་གི་ཁྱོད། རྩེ་སྲས་ཟླ་འོད་ཀྱིས།

2024-11-19 10:24:38

作者

评论
0

སེམས་སོང་གི་ཁྱོད། 

ལས་དབང་གིས་འཕྲད་དེ། 

ཆོས་ཉིད་ཀྱིས་བྲལ། 


ཡིན་ནའང་། 

ང་ཡི་ཞེ་སེམས་ལ།

ཁྱོད་ཉིད། 

མར་ཁུ་བཞིན་འཁྱིལ། 

སྨུག་པ་བཞིན་འཐིབས། 


དྲན་གདུང་གི་གསེབ་ཏུ། 

གཅིག་བརྩེགས་ཉིས་བརྩེགས་བྱས་ཏེ། 

ཁྱོད་ཀྱི་རྣམ་པ་དང་། ཁྱོད་ཀྱི་བཞིན་མདངས། 

ཁྱོད་ཀྱི་འཛུམ་མདངས་ཀྱི་ཉམས་འགྱུར་རེ་རེ།

ངའི་མིག་ལམ་དུ་ག་ལེར་རྒྱུ་ན། 

ངས་ཁྱོད་ཀྱི་མིང་ནས་བཟུང་སྟེ།

སྐད་གསང་མཐོན་པོས་ཀི་རྒྱང་གིས་འབོད་ན་བསམ། 

ཁྱོད་དང་བྲལ་བའི་སེམས་ཁམས་འདིས།

ང་རང་ཉིན་འདི་གར་ལྡབ་བེ་ལྡིབ་བེ་ཞིག་ཏུ་གྱུར་བས། 

འཇིག་རྟེན་འདི་ནི། 

ང་ལ་མཚོན་ན་སྟོང་སང་ངེ་བ་དང་།

མནར་གཅོད་ཅིག་ལས་ཅི་ཡང་མིན་པ་འདྲ། 


བདག་གི་སྙིང་ཉེ་བའི་སེམས་སོང་གི་ཁྱོད། 

ལས་དབང་གི་བགོ་སྐལ་ཞིག་ལྷག་ན། 

ངས་ང་གཉིས་ཀྱི་རེ་སྨོན་དེ། 

མངོན་འགྱུར་བྱུང་བར་སྨོན་ལམ་རྒྱག་ངེས་ཡིན།


点赞

收藏

评论
已输入0
全部评论
加载更多评论