首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། སྡུག་བསྔལ། རྟོགས་སད་ཀྱིས།

2024-09-07 11:28:32

作者

评论
0

རླུང་བུ་ཞིག་གིས་སྐད་གསུམ་འཁྱེར་ནས་ཡོང་། །

མ་མཐོང་དུང་གི་ཟླ་གཞོན་མཁའ་རུ་ཚེས། །

དབུ་ནག་ཅིག་གིས་སེམས་པའི་ཕྱི་ནང་སློག །

ཚོར་འདུ་ཆང་ལ་བསྒྱུར་ཏེ་ཧུབ་གང་བཞེས། །


ཟླ་འོད་ཅིག་གིས་སྐད་གསུམ་འཁྱེར་ནས་ཡོང་། །

འོད་ཐིགས་ས་རུ་མ་ཕོག་སྐྱོ་བ་གང་། །

རུམ་གྱི་རུ་མ་མ་བྱས་དེ་ཡང་ཆོག །

ཚིག་གི་དམ་བཅའ་མ་བཞག་དེ་ཡང་ཆོག །


འཇག་མ་ཞིག་གིས་སྐད་གསུམ་འཁྱེར་ནས་ཡོང་། །

གོམ་སྒྲ་མ་ཐོས་ཐོག་མའི་གསང་གཏམ་དེ། །

མཇུག་ཏུ་ཁྱོད་སྡུག་ང་སྐྱོ་དམ་བུ་གང་། །

ལམ་འགྲམ་ཞིག་ཏུ་མ་བྱོན་ན་ཡང་ཆོག །


ད་ནི་གཙང་པོ་ཞིག་གི་འགྲམ་དུ་ལོག །

རྩྭ་སྐྱ་ཞིག་ལ་ཁེན་ནས་མིག་ཟུང་བཙུམ། །

ཐོག་མར་ཁེར་རྐྱང་མཇུག་མཐར་ཁེར་རྐྱང་སྟེ། །

དུང་བ་སྒྱེ་གང་ཁུར་ནས་རྒྱང་ལམ་བཞུད། །


རྒྱང་དུ་ཁྱོད་ལ་ཚིག་གི་འཁྲེང་ཞེན་ཡོད། །

ཉེ་བ་སྡང་མིག་ཅིག་གི་ཞེད་སྣང་ཡོད། །

ཉེ་རྒྱང་གང་ཡིན་འདི་ཕྱིའི་འཕྲང་ལམ་ན། །

མཛའ་མཐུན་ཆུ་བོ་ཤར་རེར་གཏན་བསྐྱོད་ཡིན། །


点赞

收藏

评论
已输入0
全部评论
加载更多评论