
དྲིན་ཕ་མ་ཁྱིམ་གྱི་གཡང་རྟེན་ཡིན། །
ནང་མིང་སྲིང་སེམས་ཀྱི་རྒྱབ་རི་ཡིན། །
ཁྱིམ་གཡང་ཁྱིམ་གཅིག་ལ་ལྷན་དུ་འཛོམས། །
གནས་མཐོ་སྒང་ཡུལ་གྱི་དག་ཞིང་ནས། །
ནང་སེམས་པ་དགའ་བའི་འཚོ་བར་རོལ། །
ལས་བསྐལ་པ་ཡག་པའི་ཁྱིམ་གཅིག་ཏུ། །
སྔོན་བསོད་ནམས་ཤིག་གི་འབྲས་བུ་སྨིན། །
ཞེ་སེམས་པ་དཀར་པོའི་ངང་རྒྱུད་འདྲེས། །
ནང་ཁྱིམ་ཚང་གཅིག་གི་ཐབ་ཁ་ནས། །
དྲིན་ཕ་མ་རྣམས་ཀྱིས་བརྩེ་བས་བསྐྱངས། །
དྲིན་ཕ་མ་ཚེ་རིང་བདེ་སྐྱིད་ཤོག །
ནང་གཉེན་ཉེ་ཁ་དྲོ་བཀྲ་ཤིས་ཤོག །
ཕྱི་ལས་ལ་ལམ་འགྲོ་ཡོང་བར་ཤོག །
དོན་བསམ་དོན་ལྷུན་གྲུབ་ཡོང་བ་ཤོག །
ཚེ་བསྐལ་བ་སྟོང་གི་བདེ་སྐྱིད་ཤོག །

点赞
收藏



